ཡོངས་འཛིན་དྲིས་ལན་གྱི་སྒྲིག་སྲོལ།

ཡོངས་འཛིན་དྲིས་ལན་མ་ལག་ཏུ་ཀུན་གྱིས་གཟུར་གནས་དང་། ཁ་གསལ་ཚད་ལྡན་གྱི་སྒོ་ནས་དྲི་བ་འདོན་པ་ལས། སྙིང་བོ་མེད་པ་དང་བརྡ་ཁྱབ་སོགས་ཀྱི་དྲི་བ་མི་འདོན་པར་མཁྱེན།

1.དྲི་བར་འགྲུབ་ཐུབ་པ།

(1) དྲི་བའི་ནང་དོན་ཁ་གསལ་ཞིང་ཚིག་སྦྱོར་བདེ་ལ། ནོར་འཁྲུལ་མེད་པ།

(2)ཡིག་འབྲུ་ཉུང་ཡང་དོན་འདུས་པའི་སྒོ་ནས་དྲི་བ་འདོན་པ།

(3)དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་དྲི་བ་འདོན་པ།

དཔེར་ན།

མིའི་རིགས་ཀྱིས་ཟ་མ་མ་ཟོས་པར་བཅུད་ལྡན་སྨན་རྫས་ཁོ་ནར་བརྟེན་ན་འཚོ་ཐུབ་བམ།

དྲ་གྲོགས་ལྷན་རྒྱས་ལགས། ངེད་ནི་གསར་ཞུགས་པ་ཞིག་ཡིན་པས་ཐུགས་ཁུར་གནང་རོགས།×

2. ཁ་གསལ་བོར་བརྗོད་པ།

དྲི་བའི་ཁ་བྱང་ཁྲོད་ཆ་འཕྲིན་ཆ་ཚང་བརྗོད་དེ་དོན་སྙིང་ཡོད་པའི་འབྲེལ་ཡོད་ཀྱི་དྲིས་ལན་ཐོབ་ཐུབ་པ་ཞིག་ཡིན་དགོས།

དྲི་བ་གོ་སླ་བའི་སྒོ་ནས་བརྗོད་དེ་དྲིས་ལན་གྱིས་དྲི་བ་འདོན་མཁན་གྱི་འདོད་བློ་ཚིམས་ཐུབ་པ་ཞིག་ཡིན་དགོས།

དཔེར་ན།

གཅིན་སྙིའི་ནད་དེ་ཟ་མར་བརྟེན་ནས་འགོག་བཅོས་བྱེད་ཐུབ་བམ། གལ་ཏེ་ཟ་མས་འགོག་བཅོས་ཐུབ་ན། གཅིན་སྙིད་ནད་པས་ཟ་མ་གང་དག་ཟོས་ན་བཟང་།

ཡོངས་འཛིན་ལས་ཤེས།×

3. དྲི་བའི་རིགས་དབྱེ་ཡང་དག་ཡིན་པ།

དྲི་བ་འདོན་དུས་འོས་འཚམ་གྱི་རིགས་དབྱེ་ཁྲོད་བཞག་ན་དྲ་གྲོགས་གཞན་གྱིས་ཁྱེད་ཀྱི་དྲི་བ་མཐོང་ཐུབ་ཅིང་། དྲིས་ལན་ལྡོན་ཚད་ཇེ་མཐོར་འགྲོ།

འབྲེལ་ཡོད་ཀྱི་སྒྲིག་སྲོལ་དང་འགལ་ན་ཐོ་འགོད་པའི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་། ཨང་རིམ་དམའ་རུ་ཕབ་པ། བཀག་སྡོམ་བྱེད་པ་སོགས་ཀྱི་ཆད་པ་གཅོད་ངེས།

མི་རིགས་དང་རིགས་རྒྱུད། ཆོས་ལུགས་དད་མོས། ཕོ་མོ། རིག་གནས། གྲལ་རིམ། ལས་རིགས་སོགས་ལ་ཁྱད་གསོད་དང་ལོག་ཁྲིད་བྱེད་པའི་ནང་དོན་ཡོད་པ།

བརྡ་ཁྱབ་རིགས་ཀྱི་ནང་དོན་སྤེལ་པ།

ཆགས་སྲེད་དང་རྒྱན་སྐུགས་པ། དྲག་སྤྱོད། སྲོག་གཅོད་པ་སོགས་དང་འབྲེལ་བའི་ནང་དོན་འགྲེམ་པ།

འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བའི་ནང་དོན་ཡོད་པ།