གསར་འགྱུར། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན།

ཁྲིམས་ལུགས་སྟེང་ཕ་མ་གཉིས་བཟའ་འཐོར་བྱུང་རྗེས་བྱིས་པར་ལྟ་དབང་ཡོད་པའི་སྐོར་ཇི་ལྟར་ཐག་གཅོད་བྱས་ཆོག 0

2019-08-12 10:26 འབྲོག་བུ་བློ་དཀར། | གསོ་རིག/བདེ་སྲུང་།/བདེ་སྲུང་རྒྱུན་ཤེས།
ལན1བཏབ་ཡོད།
བན་ཤུལ་འབྲུག་རྩེ་རྒྱལ།  2019-08-12 14:50 དྲི་བ་འདོན་མཁན་གྱིས་དང་དུ་བླངས།
  • 《དམངས་ཁྲིམས་སྤྱི་སྲོལ》གྱི་དོན་ཚན་བཅུ་དྲུག་པའི་གཏན་འབེབས་ལྟར་ན། ཕ་མ་ནི་ནར་མ་སོན་པའི་བྱིས་པའི་ཁྲིམས་བཀོད་ཀྱི་ལྟ་སྐྱོང་པ་ཡིན་ཞིང་། ཕ་མ་ཚེ་ལས་འདས་པའམ་ཡང་ན་ཕ་མར་ལྟ་སྐྱོང་བྱེད་ནུས་མེད་པ་དང་།     ཡང་ན་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཕ་མའི་ལྟ་སྐྱོང་བྱེད་དབང་བཙན་ལེན་བྱེད་པའི་གནས་ཚུལ་བྱུང་ན་ད་གཟོད་ཕ་མའི་ལྟ་སྐྱོང་བྱེད་དབང་གི་ཐོབ་ཐང་ཤོར་བ་ཡིན་ཟེར།

    《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་སོ་དྲུག་པའི་གཏན་འབེབས་ལྟར་ན།  ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བ་དེ་ཕ་མ་གཉིས་བཟའ་ཚང་ཁ་འཐོར་བ་ལས་རྩ་མེད་དུ་མི་འགྲོ་ཞིང་།  བཟའ་ཚང་འཐོར་རྗེས་སུ་བུ་ཕྲུག་ཕའམ་ཡང་ན་མ་སུ་ཞིག་གིས་གསོ་སྐྱོང་བྱས་ཀྱང་དེ་ནི་ཕ་མ་ཕྱོགས་གཉིས་ཀའི་ཐུན་མོང་གི་བུ་ཕྲུག་ཡིན་པས།   ཕ་མ་སུ་ལའང་སྔར་བཞིན་བུ་ཕྲུག་གསོ་སྐྱོང་དང་སློབ་གསོ་གཏོང་བའི་ཁེ་དབང་དང་འོས་འགན་ཡོད། དེ་བཞིན《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ〉ལག་ལེན་ཁྲོད་ཀྱི་གནད་དོན་འགའི་

    བསམ་འཆར》གྱི་དོན་ཚན་བརྒྱ་དང་ང་བརྒྱད་པར། བཟའ་ཚང་འཐོར་རྗེས།  ཕ་མ་གང་རུང་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་བུ་ཕྲུག་གིས་གཞན་ལ་གནོད་སྐྱོན་བཟོས་ན་སྐྱིན་ཚབ་འཇལ་དགོས་ཤིང་ཕྱོགས་དེ་ལ་སྐྱིན་ཚབ་འཇལ་ནུས་མེད་ན།  བུ་ཕྲུག་དང་འཚོ་བ་མཉམ་རོལ་བྱས་མེད་པའི་ཕ་མ་ཕྱོགས་ཅིག་ཤོས་དེ་ནས་སྐྱིན་ཚབ་འཇལ་བའི་འགན་ཁུར་དགོས་ཞེས་གཏན་ཕབ་བྱས་ཡོད།

    《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་སོ་བརྒྱད་པར། བཟའ་ཚང་འཐོར་རྗེས། ཐད་ཀར་བུ་ཕྲུག་གསོ་སྐྱོང་བྱེད་བཞིན་མེད་པའི་ཕའམ་ཡང་ན་མ་ལ་བུ་ཕྲུག་དེར་ཐུག་འཕྲད་བྱེད་དབང་ཡོད་ཅིང་།  ཅིག་ཤོས་ལ་དེར་རམ་འདེགས་བྱེད་འགན་ཡོད།     ཐུག་འཕྲད་ཀྱི་རྣམ་པ་དང་དུས་ཚོད་སྐོར་ལ་དོ་བདག་ཕྱོགས་སོ་སོ་ནས་གྲོས་ཐག་བཅད་ཆོག་ཅིང་།གྲོས་འཆམ་མ་བྱུང་ན་མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་གཅོད་དགོས།  ཕའམ་ཡང་ན་མ་གང་རུང་དེ་བུ་ཕྲུག་དང་ཐུག་འཕྲད་བྱུང་ན་བུ་ཕྲུག་གང་དེའི་ལུས་སེམས་བདེ་ཐང་ལ་གནོད་པ་ཡོད་ན། མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཐུག་འཕྲད་བྱེད་དབང་ལག་ལེན་བྱེད་མཚམས་འཇོག་དགོས་ཤིང་།  མཚམས་འཇོག་དགོས་པའི་དོན་རྩ་དེ་བསལ་རྗེས་ཐུག་འཕྲད་བྱེད་དབང་སླར་གསོ་བྱེད་དགོས། 《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱི་སྲོལ〉ལག་ལེན་ཁྲོད་ཀྱི་གནད་དོནའགའི་བསམ་འཆར》གྱི་དོན་ཚན་ཉེར་གཅིག་པར། ཁྱོ་ཤུག་ཕན་ཚུན་བར་བཟའ་ཚང་འཐོར་རྗེས།   བུ་ཕྲུག་དང་འཚོ་བ་མཉམ་རོལ་བྱེད་མཁན་ཕྱོགས་ལ་ཕྱོགས་ཅིག་ཤོས་དེའི་རང་གི་བུ་ཕྲུག་གང་དེར་ཐུག་འཕྲད་བྱེད་པའི་ཁེ་དབང་མེད་པར་གཏང་དབང་མེད། འོན་ཀྱང་། བུ་ཕྲུག་དང་འཚོ་བ་མཉམ་རོལ་བྱེད་མེད་མཁན་ཕྱོགས་དེར་བུ་ཕྲུག་ལ་ནག་ཉེས་བསག་པའི་བྱ་སྤྱོད་དང་། མནར་གཅོད་གཏོང་བའི་བྱ་སྤྱོད་དམ་ཡང་ན་མུ་མཐུད་དུ་བུ་ཕྲུག་ལ་ཐུག་འཕྲད་བྱས་ན་བུ་ཕྲུག་གང་དེར་མངོན་གསལ་གྱི་གནད་པ་ཡོད་ཚེ། མི་དམངས་ཁྲིམས་ཁང་གིས་དེ་ལ་ཐུག་འཕྲད་བྱེད་དབང་མེད་པར་བཏང་ཆོག


    དཔྱད་བརྗོད།(0) 0 0