གསར་འགྱུར། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན།

གཉེན་སྒྲིག་བྱེད་སྐབས་ཚང་དགོས་པའི་ཆ་རྐྱེན་གང་དག་ཡོད། 0

2020-03-24 09:58 གངས་བུ་ཟླ་གཞོན། | སྲིད་ཇུས།/ཁྲིམས་སྲོལ།/བཅའ་ཁྲིམས།
ལན1བཏབ་ཡོད།
འབྲོག་བུ་བློ་དཀར།  2020-03-24 10:11 དྲི་བ་འདོན་མཁན་གྱིས་དང་དུ་བླངས།
  •   གཅིག ངེས་པར་དུ་སྐྱེས་ཕོ་མོ་གཉིས་ཀ་རང་འཐད་ཤ་སྟག་ཡིན་དགོས་པ། གཉིས། ངེས་པར་དུ་ཁྲིམས་སུ་གཏན་ལ་ཕབ་པའི་གཉེན་སྒྲིག་གི་ལོ་ཚད་ལ་སླེབས་དགོས། བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་གཉེན་སྒྲིག་གི་ལོ་ཚད་ནི་ཁྲིམས་ལུགས་ཀྱི་ཆེས་དམའ་བའི་གཉེན་སྒྲིག་གི་ལོ་ཚད་རེད། གཉེན་སྒྲིག་བཅའ་ཁྲིམས་སུ་ཕོ་རང་ལོ་ཉེར་གཉིས་ལོང་བ་ལས་སྔ་མི་ཆོག་ཅིང་།མོ་རང་ལོ་ཉི་ཤུ་ལོང་བ་ལས་སྔ་མི་ཆོག་ཅེས་གཏན་འབེབས་བྱས་ཡོད། འོན་ཀྱང་གྲངས་ཉུང་མི་རིགས་ཀྱི་ནང་དུ་དུས་ཡུན་རིང་པོར་གཉེན་སྒྲིག་སྔ་མོ་ནས་བྱེད་པའི་གོམས་གཤིས་དར་ཡོད་པས། གོམས་གཤིས་དེ་སྒྱུར་བ་ལ་དུས་ཡུན་རིང་པོ་ཞིག་དགོས། དེར་བརྟེན། གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཁ་ཤས་སུ་གཉེན་སྒྲིག་བཅའ་ཁྲིམས་ཀྱི་ཁ་སྣོན་གཏན་འབེབས་དུ་ཕོ་རང་ལོ་ཉི་ཤུ་ལོང་བ་ལས་སྔ་མི་ཆོག་ཅིང་། མོ་རང་ལོ་བཅོ་བརྒྱད་ཚང་བ་ལས་སྔ་མི་ཆོག་པ་དེ་ནི་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་ལོ་ཚད་ཆེས་དམའ་བ་རེད། ལོ་ཚད་དེ་མ་ལོན་སྔོན་གཉེན་སྒྲིག་བྱ་མི་ཆོག འོན་ཀྱང་། ལོ་ཚད་དེར་སླེབས་ཚེ་ངེས་པར་དུ་གཉེན་སྒྲིག་བྱ་དགོས་ཞེས་བཤད་པའང་གཏན་ནས་མིན།

    དུས་མཚུངས་སུ་ནུས་ཤུགས་ཆེན་པོའི་སྒོ་ནས་གཉེན་སྒྲིག་ཕྱི་འགྱང་བྱེད་རྒྱུ་དར་སྤེལ་བྱེད་དགོས་ཏེ། རང་མོས་སྒོས་གཉེན་སྒྲིག་ཕྱི་འགྱང་བྱེད་མཁན་ལ་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས།

    གསུམ། ངེས་པར་དུ་ཁྱོ་གཅིག་མོ་གཅིག་གི་རྩ་དོན་དང་བསྟུན་དགོས་པ། རང་རྒྱལ་སྤྱི་དམངས་ཚོས་ངེས་པར་དུ་རྩ་དོན་དེ་བརྩི་སྲུང་བྱས་ནས། གལ་ཏེ་དེ་དང་འགལ་ན་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

      བཞི། ཤ་རུས་གདུང་རྒྱུད་གཅིག་པའི་གཉེན་ཚན་དང་བརྒྱུད་པའི་མི་རབས་གསུམ་ནང་ཕན་ཚུན་གཉེན་སྒྲིག་བྱ་མི་ཆོག ཤ་རུས་གདུང་རྒྱུད་གཅིག་པའི་གཉེན་ཚན་ནི་རང་གི་ཕ་མ་དང་མེས་པོ་མེས་མོ། སྤོ་བོ་སྨོ་བོ། བུ་ཕྲུག་ཚ་བོ་ཚ་མོ་བཅས་ལ་ཟེར་བ་དང་། བརྒྱུད་པའི་གཉེན་ཚན་གྱི་མི་རབས་གསུམ་ནི་རང་གི་སྤུན་ཟླ་མིང་སྲིང་དང་། ཁོ་ཚོའི་བུ་ཕྲུག ཨ་ཁུ། ཨ་མེས། ཨ་ནེ། ཨ་ཞང་། ཨ་སྲུ། ཕ་སྤུན་དང་མ་སྤུན་གྱི་མིང་སྲིང་སོགས་ལ་ཟེར། ཁོ་ཚོ་མི་རབས་གཅིག་ཡིན་པའམ་གཅིག་མིན་པ་གང་ཡིན་རུང་ཕན་ཚུན་གཉེན་སྒྲིག་བྱེད་པར་གཏན་འགོག་བྱ་རྒྱུ།

       ལྔ། མཛེ་ནད་བྱུང་ནས་དྲག་མེད་པའི་མིའམ་གསོ་རིག་ཐད་ནས་བལྟས་ན་གཉེན་སྒྲིག་བྱེད་མི་རུང་བའི་ནད་རིགས་གཞན་དག་ཡོད་པའི་མི་ཡིན་ན་གཉེན་སྒྲིག་བྱེད་པར་གཏན་འགོག་བྱ་རྒྱུ།

    གོང་དུ་བཤད་པའི་ཆ་རྐྱེན་ལྔ་བོ་ཚང་དགོས་པ་མ་ཟད། ད་དུང་གཉེན་སྒྲིག་བྱེད་རྒྱུའི་རེ་བ་འདོན་མཁན་གཉིས་ཀ་ངེས་པར་དུ་རང་ཉིད་སྡོད་ཡུལ་གྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ལ་དངོས་སུ་ཕྱིན་ནས་གཉིན་སྒྲིག་གི་ཐོ་འགོད་དགོས་ཤིང་། གཉེན་སྒྲིག་བཅའ་ཁྲིམས་དང་མཐུན་པ་ཡིན་ན། ཐོ་འགོད་བྱས་ནས་གཉེན་སྒྲིག་གི་ལག་ཁྱེར་སྤྲད་ཆོག་པས་དེ་ནས་ཁྱོ་ཤུག་གི་འབྲེལ་བ་ཆགས་པ་ཡིན། གཉེན་སྒྲིག་ཐོ་འགོད་བྱེད་དུས་མི་གཞན་པ་བཙལ་ནས་ཚབ་བྱས་མི་ཆོག ཡིན་གཅིག་མིན་གཉིས་སྐྱེས་ཕོ་མོ་གཉིས་དངོས་སུ་སླེབས་དགོས། དེ་འདྲ་མ་བྱས་ན་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས་གལ་ཏེ་ཤེས་ཚེ་ཐོ་འགོད་དུ་མི་འཇུག་པ་རེད།


    དཔྱད་བརྗོད།(0) 0 0