གསར་འགྱུར། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན།

ཅི་ཞིག་ལ་རང་རྒྱལ་གྱི་དམངས་དོན་བྱེད་སྒོའི་རྩ་བའི་རྩ་དོན་ཟེར། 0

2020-03-24 09:52 གངས་བུ་ཟླ་གཞོན། | སྲིད་ཇུས།/ཁྲིམས་སྲོལ།/བཅའ་ཁྲིམས།
ལན1བཏབ་ཡོད།
འབྲོག་བུ་བློ་དཀར།  2020-03-24 10:14 དྲི་བ་འདོན་མཁན་གྱིས་དང་དུ་བླངས།
  •  རང་རྒྱལ་གྱི་དམངས་ཁྲིམས་སྤྱི་འགྲོས་རྩ་དོན་གྱི་གཏན་འབེབས་ལྟར་ན། རང་རྒྱལ་གྱི་དམངས་དོན་བྱེད་སྒོའི་རྩ་བའི་རྩ་དོན་གཙོ་བོ་གཤམ་གསལ་གྱི་རྣམ་གྲངས་འགའ་ཡོད་དེ། གཅིག དམངས་དོན་བྱེད་སྒོའི་ནང་དོ་བདག་ཕྱོགས་གཉིས་ཀའི་བཅའ་ཁྲིམས་ཐད་ཀྱི་གོ་ས་འདྲ་མཉམ་ཡིན་པའི་རྩ་དོན། འདི་ནི་དོ་བདག་ཕྱོགས་གཉིས་ཀ་ཆེ་ཆུང་དང་དྲག་ཞན་གང་ཡིན་རུང་བཅའ་ཁྲིམས་ཐད་ཀྱི་གོ་གནས་ཚང་མ་འདྲ་མཉམ་དང་རང་མོས་ཡིན་པ་དང་། ཁེ་དབང་ཡང་གཅིག་མཐུན་ཡིན་པར་བསྟན་པ་རེད། གཉིས། དམངས་དོན་བྱེད་སྒོ་ནི་རང་མོས་དང་དྲང་བཞག རིན་མཉམ་གླ་ཡོད། ཁ་བཤད་དོན་གནས་བཅས་ཡིན་དགོས་པའི་རྩ་དོན། རིན་མཉམ་གླ་ཡོད་ནི་ཚོང་ཟོག་འབྲེལ་བའི་རྩ་བའི་བླང་བྱ་རེད། ཁ་བཤད་དོན་གནས་ནི་དོན་དངོས་ཀྱི་གནས་ཚུལ་ངོ་མ་མགོ་སྐོར་དང་སྦ་གསང་བྱེད་པ་སོགས་ཁྲིམས་འགལ་དང་ཀུན་སྤྱོད་མི་ལེགས་པའི་གཡོ་ཐབས་སྤྱད་ནས་དམངས་དོན་བྱེད་སྒོར་ཞུགས་མི་རུང་བ་དེ་ཡིན།


    དཔྱད་བརྗོད།(0) 0 0