གསར་འགྱུར། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན།

རང་རྒྱལ་གྱི་ཉེས་ཁྲིམས་ནང་གཏན་འབེབས་ལྟར་ན། ཉེས་གསོག་ལ་ཁྱད་ཆོས་གསུམ་ཡོད་པ་གང་དག་ཡིན། 0

2020-03-24 09:43 གངས་བུ་ཟླ་གཞོན། | སྲིད་ཇུས།/ཁྲིམས་སྲོལ།/བཅའ་ཁྲིམས།
ལན1བཏབ་ཡོད།
འབྲོག་བུ་བློ་དཀར།  2020-03-24 10:22 དྲི་བ་འདོན་མཁན་གྱིས་དང་དུ་བླངས།
  •  གཅིག ཉེས་གསོག་ནི་སྤྱི་ཚོགས་ལ་གནོད་པ་ཚབས་ཆེན་བཏང་བའི་བྱ་སྤྱོད་ཅིག་ཡིན་དགོས། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་ལ་གནོད་འཚེ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གནོད་འཚེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་གཏོར་བཤིག གཞུང་དང་སྒེར་གྱི་རྒྱུ་ནོར་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཐའ་དག་ནི་སྤྱི་ཚོགས་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ཡིན་པས་ཉེས་པ་གསོག་པར་བརྩི་བ་ཡིན། གལ་ཏེ་སྤྱི་ཚོགས་ལ་གནོད་འཚེ་གཏོང་ཚུལ་ཧ་ཅང་ཆུང་ཞིང་གནོད་པ་ཡང་ཆེན་པོ་མེད་ན་དེ་ཉེས་པ་གསོག་པར་མི་བརྩི།

    གཉིས། ཉེས་གསོག་ནི་ཉེས་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན། ཉེས་སྤྱོད་མཐའ་དག་སྤྱི་ཚོགས་ལ་གནོད་པ་ཡོད་པའི་བྱ་སྤྱོད་ཡིན་མོད། འོན་ཀྱང་སྤྱི་ཚོགས་ལ་གནོད་པའི་བྱ་སྤྱོད་ཚང་མ་ཉེས་པ་གསོག་པར་མི་བརྩི། སྤྱི་ཚོགས་ལ་གནོད་པའི་བྱ་སྤྱོད་དེ་མཚུངས་སུ་ཉེས་ཁྲིམས་དང་འགལ་བ་ཞིག་ཡིན་ན་ད་གཟོད་ཉེས་པ་གསོག་པར་དངོས་སུ་བརྩི་ཆོག སྤྱི་ཚོགས་ལ་གནོད་པའི་བྱ་སྤྱོད་ནང་དུ། ལ་ལ་ནི་དམངས་ཁྲིམས་དང་འགལ་བ་དང་། ལ་ལ་ནི་སྲིད་འཛིན་གྱི་ཁྲིམས་དང་འགལ་བ། ལ་ལ་ནི་དཔལ་འབྱོར་གྱི་ཁྲིམས་སྲོལ་དང་འགལ་བ་ཡིན་པས་དེ་དག་ཉེས་པ་གསོག་པར་མི་བརྩི། ཉེས་པ་གསོག་པ་ནི་ཉེས་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན་ཏེ། ང་ཚོས་རྒྱུན་པར་ཉེས་ཁྲིམས་དང་འགལ་ཞེས་བཤད་ཀྱིན་ཡོད་པ་དེ་རེད། བཅའ་ཁྲིམས་གཞན་དང་འགལ་བ་ནི་ཉེས་པ་གསོག་པར་མི་བརྩི། དཔེར་ན། མི་ག་གེ་མོ་གཉེན་སྒྲིག་སྐབས་བཅའ་ཁྲིམས་ཀྱི་འགྲོ་ལུགས་ལྟར་ཐོ་འགོད་མ་བྱས་ན་གཉེན་སྒྲིག་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན་ཡང་ཉེས་པ་གསོག་པར་མི་བརྩི། གལ་ཏེ་མི་ཞིག་ལ་གཉེན་ཟླ་ཡོད་བཞིན་ད་དུང་མི་གཞན་དང་གཉེན་སྒྲིག་བྱས་ན་དེ་ནི་ཉེས་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན་པས་ཉེས་པ་གསོག་པ་ཡིན། དེར་བརྟེན། ཉེས་པ་གསོག་པ་ནི་ངེས་པར་དུ་ཁྲིམས་འགལ་ཡིན་པ་དང་། ཁྲིམས་འགལ་ནི་ཉེས་པ་གསོག་པ་ཡིན་དགོས་པའི་ངེས་པ་མེད།

    གསུམ། ཉེས་པ་གསོག་པ་ནི་ཉེས་ཆད་གཅོད་དགོས་པའི་བྱ་སྤྱོད་ཡིན། སྤྱི་ཚོགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཀྱི་ངོ་བོ་དང་བྱེད་ཚུལ་ལ་བལྟས་ནས་རྒྱལ་ཁབ་ཀྱི་གཏན་ཕབ་ལྟར་སོ་སོར་དགོས་ངེས་ཉེས་ཆད་གཅོད་རྒྱུ་ཡིན། ཉེས་ཁྲིམས་དང་འགལ་བའི་ཉེས་སྤྱོད་ཅིག་ཡིན་ན་དེར་ཉེས་ཆད་གཅོད་རྒྱུ་ཡིན་པས་ཆེས་དྲག་པོའི་ཆད་གཅོད་རེད། དེར་བརྟེན་ཉེས་ཆད་གཅོད་དགོས་པ་ནི་ཉེས་གསོག་ཁོ་ནར་ཡོད་པའི་བཅའ་ཁྲིམས་ཀྱི་ཁྱད་ཆོས་ཤིག་རེད། 


    དཔྱད་བརྗོད།(0) 0 0