གསར་འགྱུར། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན།

ཅི་ཞིག་ལ་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སྐོར། 0

2020-03-24 09:40 གངས་བུ་ཟླ་གཞོན། | སྲིད་ཇུས།/ཁྲིམས་སྲོལ།/བཅའ་ཁྲིམས།
ལན1བཏབ་ཡོད།
འབྲོག་བུ་བློ་དཀར།  2020-03-24 10:24 དྲི་བ་འདོན་མཁན་གྱིས་དང་དུ་བླངས།
  •  མི་རིགས་ས་ཁོངས་རང་སྐྱོང་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གྲངས་ཉུང་མི་རིགས་ཁག་སོ་སོ་འདུས་སྡོད་ས་གནས་སུ་ས་ཁོངས་རང་སྐྱོང་དངོས་སུ་ལག་བསྟར་བྱས་ནས། རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་གི་དབང་ཆ་སྤྱོད་པ་དེ་ཡིན། དཔེར་ན། བོད་རང་སྐྱོང་ལྗོངས་དང་རྔ་བ་བོད་རིགས་རང་སྐྱོང་ཁུལ། ལིའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་སོགས་ལྟ་བུ་ནི་མི་རིགས་ས་ཁོངས་རང་སྐྱོང་བྱེད་སའི་ས་ཆ་རེད། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ནི་རང་རྒྱལ་གྱི་རྩ་ཁྲིམས་ནང་གི་མི་རིགས་ས་ཁོངས་རང་སྐྱོང་བྱེད་སྐོར་གྱི་རྩ་དོན་དང་གཏན་འབེབས་ལྟར་བཀོད་པའི་གཞི་རྩའི་བཅའ་ཁྲིམས་ཤིག་ཡིན། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་བཀོད་པར་བརྟེན། རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱིས་རང་སྐྱོང་གི་དབང་ཆ་ལག་བསྟར་བྱེད་པར་འགན་སྲུང་མི་རིགས་རང་ལ་གཏོགས་པའི་ཕྱི་ནང་གི་བྱ་བ་དག་རང་དབང་གིས་དོ་དམ་བྱེད་པ། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་དར་རྒྱས་ཇེ་མགྱོགས་སུ་གཏོང་བ། ཕན་ཚུན་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ལས་ཀའི་འབྲེལ་བར་ཤུགས་སྣོན། རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲ་བརྟན་ཡོང་བ། དེང་རབས་ཅན་བཞིའི་འཛུགས་སྐྲུན་བདེ་བླག་ངང་ལེགས་འགྲུབ་ཡོང་བར་འགན་སྲུང་དང་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་ལ་དོན་སྙིང་དང་ཕན་ནུས་གལ་ཆེན་ཐོན་ཡོད།


    དཔྱད་བརྗོད།(0) 0 0