གསར་འགྱུར། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན།

ཁེ་ལས་ཀྱིས་གླས་པའི་རྒྱལ་དབང་མིན་པའི་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་ཆོག་གམ། 0

2020-03-16 17:34 བློན་ཆེན་པོ། | སྤྱི་ཚོགས།/དམངས་འཚོ།/སྤྱི་ཚོགས་འགན་སྲུང་།
ལན1བཏབ་ཡོད།
ལྷུན་འབུམ་ཚེ་རིང་།  2020-03-16 17:51 དྲི་བ་འདོན་མཁན་གྱིས་དང་དུ་བླངས།
  • རྒྱལ་དབང་མིན་པའི་ཁང་བ་དང་ས་གནས། སྒྲིག་ཆས་ཡིན་ཕྱིན། ཚོང་ཚོགས་དང་མཐུན་ཚོགས། ས་དེའི་སྲིད་གཞུང་བཅས་ཀྱིས་རྩ་འཛུགས་ཁྲིད་སྟོན་བྱས་ཏེ། བོགས་གཏོང་མཁན་གྱིས་ཏང་ཀྲུང་དབྱང་གི་དཀའ་ངལ་མཉམ་སེལ་བྱ་རྒྱུའི་སྐོར་གྱི་འབོད་སྐུལ་དང་ལེན་བྱེད་པར་སྐུལ་ཁྲིད་བྱ་དགོས། སྐྱིད་སྡུག་མཉམ་མྱོང་དང་གཅེས་སེམས་ཆེན་པོའི་སྙིང་སྟོབས་དར་སྤེལ་བཏང་ནས་རིམས་འགོག་རིང་བོགས་ལེན་མཁན་ལ་བོགས་དངུལ་རྩ་ཆགས་གཏོང་རྒྱུའི་སྲིད་ཇུས་ལག་བསྟར་དང་། སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུ་བ་དང་བོགས་རྩ་ཆག་གི་སྲིད་ཇུས་རང་འགུལ་ངང་ལག་བསྟར་བྱེད་མཁན་དོ་བདག་ལ་ས་ཞིང་བེད་སྤྱོད་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་མ་ཟད། ཡིད་རྟོན་ “མིང་ཐོ་དམར་པོ”ནང་བཅུག་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་དང་བསྔགས་བརྗོད་བྱེད་རྒྱུ་དང་། སྲིད་གཞུང་གི་འབོད་སྐུལ་དང་ལེན་མི་བྱེད་པ་དང་བོགས་སྤྲོད་མི་དགོས་པའི་སྲིད་ཇུས་ལག་བསྟར་མི་བྱེད་པའི་དོ་བདག་གིས་ས་ཞིང་བེད་སྤྱོད་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ལོངས་སྤྱོད་མི་ཐུབ། རིན་གོང་སྤར་བ་དང་སྐབས་བསྟུན་རྒྱུ་ནོར་བསྡུ་ལེན་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས།


    དཔྱད་བརྗོད།(0) 0 0